ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

བློ་མཐུན་ལིས་ཁི་ཆང་གི་ལོ་རྒྱུས་མདོར་བསྡུས།



ལིས་ཁི་ཆང་། 

       ཕོ། རྒྱ་རིགས། 1955ལོའི་ཟླ7པར་སྐྱེས། ཨན་ཧོས་ཞིང་ཆེན་ཏེན་ཡོན་ས་ཆའི་མི་ཡིན། 1974ལོའི་ཟླ3པར་བྱ་བར་ཞུགས། 1976ལོའི་ཟླ5བར་ཏང་ནང་དུ་ཞུགས། པེ་ཅིན་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་དང་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མ་དང་། ཁྲིམས་ལུགས་རིག་པའི་དངོས་གཞི་དང་དཔལ་འབྱོར་རིག་པའི་འབུམ་རམས་པ་བཅས་ཀྱི་ཐོབ་ཐང་ཡོད།
       ད་ལྟ་ཀྲུང་དབྱང་ཆབ་སྲིད་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅུ་བཅས་ཀྱི་འགན་བཞེས་ཡོད།
       1974ལོ་ནས1976ལོའི་བར་དུ། ཨན་ཧོས་ཞིང་ཆེན་ཧྥུན་དབྱང་རྫོང་ཏ་མེའོ་ཀུང་ཧྲེ་ཏུང་ལིན་རུ་ཆེན་ནས་ན་གཞོན་ཤེས་ལྡན་པ་ཞིང་སྡེར་འགྲོ་བའི་བྱ་འགུལ་ལ་ཞུགས།
       1976ལོ་ནས1978ལོའི་བར་དུ། ཨན་ཧོས་ཞིང་ཆེན་ཧྥུན་དབྱང་རྫོང་ཏ་མེའོ་ཀྲུང་ཧྲེ་ཏ་མེའོ་རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས།
       1978ལོན1982ལོའི་བར་དུ། པེ་ཅིན་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སྡེ་ཁག་ནས་སློབ་སྦྱོང་བྱས་པ་དང་། སློབ་གྲྭའི་སློབ་མའི་ཚོགས་པའི་འགན་ཁུར་པའི་འགན་བཞེས།
       1982ལོ་ནས1983ལོའི་བར་དུ། པེ་ཅིན་སློབ་གྲྭ་ཆེན་མོའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།
       1983ལོ་ནས1985ལོའི་བར་དུ། གུང་གཞོན་ཚོགས་པ་ཀྲུང་དབྱང་སློབ་གྲྭ་པུའུ་ཡི་པུའུ་ཀྲང་གི་ཞོར་དུ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྗེས་སྣོན་ཧྲུའུ་ཅིའི་འགན་བཞེས།
       1985ལོ་ནས1993ལོའི་བར་དུ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་ཞོར་དུ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས། (དེའི་སྐབས་ཀྱི1991ལོའི་ཟླ9བ་ནས1991ལོའི་ཟླ11པའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭ་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།)
       1993ལོ་ནས1998ལོའི་བར་དུ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་དང་ཞོར་དུ་ཀྲུང་གོ་ན་གཞོན་ཆབ་སྲིད་སློབ་གླིང་གི་གླིང་གཙོའི་འགན་བཞེས།
       (1988ལོ་ནས1994ལོའི་བར་དུ། པེ་ཅིན་སློབ་གྲྭ་ཆེན་མོ་དཔལ་འབྱོར་སློབ་གླིང་དཔལ་འབྱོར་རིག་པའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་སྦྱོང་བྱས་ཏེ། དཔལ་འབྱོར་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་ཐོབ་ཐང་བླངས།)
       1998ལོ་ནས1999ལོའི་བར་དུ། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཚབ་མའི་ཞོར་དུ་རྨ་ཆུའི་ཆུ་ལོག་སྔོན་འགོག་སྤྱིའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཡི་འགན་བཞེས།
       1999ལོ་ནས2002ལོའི་བར་དུ། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་གི་ཞོར་དུ་རྨ་ཆུའི་ཆུ་ལོག་སྔོན་འགོག་སྤྱིའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཡི་འགན་བཞེས།
       2002ལོ་ནས2003ལོའི་བར་དུ། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གི་ཞོར་དུ་རྨ་ཆུའི་ཆུ་ལོག་སྔོན་འགོག་སྤྱིའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཡི་འགན་བཞེས།
       2003ལོ་ནས2004བར་དུ། ཧི་ནན་ཞིང་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཧི་ནན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཞེས།
       2004ལོ་ནས་2005ལོའི་བར་དུ། ལེའོ་ཉིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
       2005ལོ་ནས2007ལོའི་བར་དུ། ལེའོ་ཉིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། ལེའོ་ཉིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།
       2007ལོ་ནས2008ལོའི་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུའི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།
       2008ལོ་ནས་2013ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་བཅས་ཀྱི་འགན་བཞེས།
       2013ལོར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅི། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་བཅས་ཀྱི་འགན་བཞེས།
       སྐབས་བཅོ་ལྔ་བ་དང་སྐབས་བཅུ་དྲུག་པ། བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།