ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་གྱི་བཀྲག་མདངས་ཆེན་པོ་བརྒྱད།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        “ཕྱོགས་ལྔ་གཞི་གཅིག”གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་གསར་པ་གྲུབ་པ།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཚིག་ཉུང་ལ་དོན་གསལ་བའི་སྒོ་ནས་ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་ལ་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཀྱི་གལ་ཆེའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་རབ་དང་རིམ་པ་གནད་ལ་འཁེལ་བའི་ངང་ཁ་གསལ་བསྟན་པ་དེར་ཚོགས་ཞུགས་འཐུས་མི་དང་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
        འཆར་ཟིན་འགོད་མཁན་ཚོགས་ཆུང་གི་ལས་ཀའི་ནང་ཞུགས་མཁན་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧྲི་ཀྲེ་ཧུང་གིས་སྙན་སྒྲོན་ནང་གི་བསམ་བློ་གསར་པ་དང་།ལྟ་བ་གསར་པ།བཀོད་སྒྲིག་གསར་པ་བཅས་ཀྱི་ཐད་དབྱེ་ཞིབ་གནང་བ་གཤམ་གསལ།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་སྒྲིག་དེ“ཕྱོགས་བཞི་གཞི་གཅིག”ནས“ཕྱོགས་ལྔ་གཞི་གཅིག”ཏུ་རྒྱ་བསྐྱེད་བྱས་པ་དེ་ཐོག་ནས་རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཆོས་ཉིད་ཐད་ཀྱི་ངོས་འཛིན་དང་ལག་ལེན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།1986ལོར་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱས་ནས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་དང་།བློ་བརྟན་འགྱུར་མེད་ངང་ཆབ་སྲིད་སྒྲིག་གཞི་སྒྱུར་བཅོས་།བློ་བརྟན་འགྱུར་མེད་ངང་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བཅས་ཀྱི་སྤྱིའི་བཀོད་སྒྲིག་ཐེངས་དང་པོར་བཏོན་པ་དང་།“ཕྱོགས་གསུམ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དེ་ཏང་གི་ཚོགས་ཆེན་བཅུ་གསུམ་པ་ནས་ཚོགས་ཆེན་བཅུ་དྲུག་པའི་བར་རྒྱུན་མཐུད་ཡོད།ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་གཏོད་རྒྱུའི་ལས་འགན་གལ་ཆེན་བཏོན་ནས་སྤྱིའི་བཀོད་སྒྲིག་ནང་སྤྱི་ཚོགས་འཛུགས་སྐྲུན་གྱི་ནང་དོན་བསྣན་ཏེ“ཕྱོགས་བཞི་གཞི་གཅིག”ཏུ་རྒྱ་བསྐྱེད་བྱས་ཡོད།སྣོད་བཅུད་ཁོར་ཡུག་ལེགས་པོ་ཡོང་བའི་མང་ཚོགས་ཚོའི་ཁ་ཚ་དགོས་གཏུགས་ཀྱི་རེ་སྒུག་དང་འཚམས་པ་བྱ་ཆེད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྤྱིའི་བཀོད་སྒྲིག་ནང་བཅུག་སྟེ“ཕྱོགས་ལྔ་གཞི་གཅིག”བར་རྒྱ་བསྐྱེད་བྱས།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དེ་ནི་རྒྱལ་ཡོངས་མི་སེར་གྱི་དཔལ་འབྱོར་དང་།ཆབ་སྲིད།རིག་གནས།སྤྱི་ཚོགས།སྣོད་བཅུད་བཅས་ཀྱི་ཁེ་དབང་ཆེན་པོ་ལྔ་ལ་དམིགས་པ་ཞིག་ཡིན།ལྷག་དོན་དུ་སྣོད་བཅུད་ཤེས་དཔལ་བཏོད་པ་བརྒྱུད་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་དེང་རབས་མིའི་ཁེ་ཕན་མངོན་འགྱུར་བྱེད་པ་དང་སྦྲགས་རང་བྱུང་ཁམས་ལ་དེ་བས་མང་བའི་སླར་གསོའི་བར་ཁམས་འཇོག་པ་དང་།ཞིང་ལས་ལ་དེ་བས་མང་བའི་ཞིང་བཟང་འཇོག་པ།མི་རབས་རྗེས་མར་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཕ་ཡུལ་ཞིག་འཇོག་རྒྱུ་དེ་རེད།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་བཏོན་པ་དེ་ཡང“ཕྱོགས་ལྔ་གཞི་གཅིག”ཡིན་པ་སྟེ།བསམ་བློ་འཛུགས་སྐྱོང་དང་།རྩ་འཛུགས་འཛུགས་སྐྱོང་།སྤྱོད་ཚུལ་འཛུགས་སྐྱོང་།རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་།ལམ་ལུགས་འཛུགས་སྐྱོང་བཅས་ཡིན་ཞིང་།དོན་སྙིང་ཧ་ཅང་ཟབ་མོ་ལྡན་པ་ཞིག་ནི“ཕྱོགས་ལྔ་གཞི་གཅིག”གཉིས་ཀྱི་ནང་གཙང་སྒྱུར་གྱི་ནུས་པ་ལྡན་ཡོད་པ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་འཆར་འགོད་ཁྲོད་ཀྱི་སྣོད་བཅུད་ཤེས་དཔལ་ཡོད་པ་དེ་ཐོག་ནས་རང་བྱུང་ཁམས་ཀྱི་གཙང་སྒྱུར་མངོན་ལ་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པའི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་འཆར་འགོད་ཁྲོད་ཀྱི་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་མངོན་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་སྒྲིག་འཛུགས་ཀྱི་རང་གིས་རང་གཙང་སྒྱུར་བྱེད་པ་དེ་ཡིན།
        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ནི་ཏང་གི་མཛུབ་ཁྲིད་བསམ་བློའི་དུས་བསྟུན་འཕེལ་རྒྱས་གཞན་ཞིག་ཡིན།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ལོ་རྒྱུས་ཀྱི་གནས་བབ་སྔར་བས་ཁ་གསལ་བཏོན་ནས་ཏང་གི་མཛུབ་ཁྲིད་བསམ་བློའི་དུས་བསྟུན་འཕེལ་རྒྱས་གཞན་ཞིག་མངོན་འགྱུར་ཡོང་བ་བྱས་ཡོད།རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་བརྒྱུད་རིམ་ནང་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོངས་ཐེངས་གཉིས་བྱས་ཡོད་པ་དེའི་ནང་གི་འཕུར་མཆོང་ཐེངས་དང་པོ་ནི་མའོ་ཙེ་ཏུང་གི་དགོངས་པ་གྲུབ་པ་དང་འཕུར་མཆོང་ཐེངས་གཉིས་པ་ནི་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གྱི་གསར་བརྗེ་གསར་པའི་ཁྲོད་རིམ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གྲུབ་ཡོད་པ་དེ་ཡིན།རིགས་པའི་གཞུང་ལུགས་ཀྱི་མ་ལག་དེས་རང་རེའི་ཏང་གི་མཛུབ་ཁྲིད་བསམ་བློའི་དུས་བསྟུན་འཕེལ་རྒྱས་ཐེངས་གསུམ་མངོན་འགྱུར་བྱུང་བ་སྟེ།ཐེངས་དང་པོ་ནི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཏང་གི་མཛུབ་ཁྲིད་བསམ་བློའི་ཁོངས་སུ་བཅུག་པ་དང་།ཐེངས་གཉིས་པ་ནི“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ཏང་གི་མཛུབ་ཁྲིད་བསམ་བློའི་ཁོངས་སུ་བཅུག་པ།ཐེངས་གསུམ་པ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཏང་གི་མཛུབ་ཁྲིད་བསམ་བློའི་ཁོངས་སུ་བཅུག་པ་བཅས་ཡིན།དེའི་དབང་གིས་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་གྱི་རིགས་པའི་གཞུང་ལུགས་ཀྱི་བཀྲག་མདངས་འཚེར་ས་དང་ལོ་རྒྱུས་ཀྱི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན།
        “མཐའ་འཁྱོངས་བརྒྱད”ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གོ་དོན་ཕུན་སུམ་ཚོགས་སུ་བཏང་བ།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་གསར་པ་བྱས་ཏེ་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་ངེས་པར་དུ་གཞི་རྩའི་བླང་བྱ་བརྒྱད་སྟངས་འཛིན་ནན་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།མཐའ་འཁྱོངས་བརྒྱད་ནི་ངེས་པར་དུ་མི་དམངས་ཀྱི་གཙོ་གནད་གནས་བབ་མཐའ་འཁྱོངས་དང་།ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་།ངེས་པར་དུ་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་།ངེས་པར་དུ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་མཐའ་འཁྱོངས་།ངེས་པར་དུ་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་།ངེས་པར་དུ་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་།ངེས་པར་དུ་ཞི་བའི་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་།ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བཅས་ཡིན།དོན་ཚན་བརྒྱད་པོ་དེ་དག་ཚང་མའི་ནང་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་དང་ཕུགས་ཀྱི་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པ་མ་ཟད།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་དད་སེམས་ཤིག་ཡིན་པའི་ངོས་ནས་བསམ་བློར་བཅིངས་འགྲོལ་དང་།སྒྱུར་བཅོས་སྒོ་དབྱེ།སྟོབས་ཤུགས་གཅིག་སྒྲིལ་།དཀའ་སེལ་འགག་སྒྲོལ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཏན་ཏིག་ངང་བླངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་འབད་བརྩོན་ཆེན་པོས་གཏོད་རྒྱུར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད།
        “ཕྱོགས་ལྔའི”ཐད་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ཀྱི་བླང་བྱ་འཐུས་ཚང་དུ་བཏང་ཡོད།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང“འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་ཆེད་དུ་འབད་འཐབ་བྱེད་དགོས”ཞེས་བཏོན་ཡོད་པ་དང་།“འཛུགས་སྐྲུན་བྱེད་པ”ནས“འཛུགས་སྐྲུན་ཐུབ་པའི”བར་ཚིག་གི་ཁྱད་པར་དེ་ཙམ་མེད་རུང་དོན་དམ་དུ་ངོ་བོའི་རང་བཞིན་གྱི་འཕུར་མཆོངས་ཤིག་ཡིན་པ་དང་དེས་རྒྱལ་ཡོངས་མི་དམངས་ཀྱི་འབད་འཐབ་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ངེས་རེད།
        འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ཀྱི་བླང་བྱ་གསར་པ་ནི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་།མི་དམངས་ཀྱི་དམངས་གཙོ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།རིག་གནས་ཀྱི་འཇམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ།ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་ཐོབ་པ་བྱ་རྒྱུ་བཅས་རེད།
        སྙན་སྒྲོན་ནང་ད་དུང་དམིགས་ཚད་ཁ་གསལ་བཏོན་ཡོད་པ་སྟེ།2020ལོར་སླེབས་སྐབས“རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་དེ་2010ལོ་ལས་ལྡབ་གཅིག་འཕར་བ་བྱ་རྒྱུ”དེ་རེད།སྐབས་དེ་དུས་རྒྱལ་ཡོངས་ཀྱི་མི་སེར་ཚོའི་ཟ་གྱོ ན་འགྲོ་སྐྱོད་སྤྱོད་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུ་དང་།གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་སྤྱིར་ན་མངོན་འགྱུར་ཡོང་རྒྱུ།དམངས་ཡོངས་ཀྱི་སློབ་གསོ་དང་ལེན་བྱེད་པའི་ཆུ་ཚད་དང་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ།སློབ་གསོ་དེང་རབས་ཅན་སྤྱིར་ན་མངོན་འགྱུར་ཡོང་རྒྱུ།ཞིང་པ་ལས་མིའི་བུ་ཕྲུག་གིས་འདྲ་མཉམ་ངང་སློབ་གསོ་དང་ལེན་ཐུབ་ནས་ཕྲུ་གུ་ཚང་མ་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣར་འགྱུར་རྒྱུ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་བ་ཡོང་རྒྱུ།ཡོང་འབབ་བགོ་བཤའི་ཧེ་བག་ཆུང་དུ་འགྲོ་རྒྱུ།ཡོང་འབབ་འབྲིང་བའི་མི་ཚོགས་རྒྱུན་མཐུད་ངང་རྒྱ་ཆེར་འགྲོ་རྒྱུ།དབུལ་སྐྱོར་བྱ་ཡུལ་ཧ་ཅང་ཉུང་དུ་འགྲོ་རྒྱུ།ཞིང་ལས་ཀྱི་གཞན་སྒྱུར་མི་སྣའི་གྲོང་མི་ཅན་གྱི་འཕེལ་རིམ་མགྱོ གས་སུ་འགྲོ་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་རྒྱུན་སྡོད་མི་སྣར་ཕྱོགས་ཡོངས་ནས་ཁྱབ་རྒྱུ།མི་ཚང་མར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ།མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ།སྡོད་ཁང་འགན་ལེན་མ་ལག་སྤྱིར་ན་གྲུབ་པ་བཅས་བྱུང་ནས་མི་སེར་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་འཚོ་བ་སྐྱེལ་བའི་བདེ་སྐྱིད་ཚོར་སེམས་ཡོངས་ཁྱབ་ངང་ཆེ་རུ་འགྲོ་རྒྱུ་རེད།
        སྒྲིག་གཞི་སྒྱུར་བཅོས་ཆེ་མོ་ལྔ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེའང་དམིགས་ཚད་ཀྱི་བླང་བྱའི་ཁྲོད་ཕྱོགས་ཡོངས་ནས་མངོན་ཏེ་ཆབ་སྲིད་སྒྲིག་གཞི་སྒྱུར་བཅོས་ཚུད་པའི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུའི་གཙོ་གནད་ཁ་གསལ་བྱུང་ཡོད།དེ་ཡང་གསོན་ཉམས་ལྡན་པའི་ངང་སྙིང་བསྡུས་བྱས་ཚེ“དར་ཆ་མཐོན་པོར་བསྒྲེངས་ནས་སྐྱོད་སྒྱུར་བཅོས་གསུམ”བཅས་བྱ་རྒྱུ་དེ་ཡིན།“དར་ཆ་མཐོན་པོར་བསྒྲེངས”ཞེས་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་རྒྱུ་དེ་ཡིན་པ་དང་།“བསྐྱོད”ཅེས་པ་དེ་ནི་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་དེ་ཡིན་པ།“སྒྱུར”ཞེས་པ་དེ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོ གས་སུ་གཏོང་རྒྱུ་དེ་ཡིན་པ།“བཅོས”ཞེས་པ་དེ་ནི་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཡིན།
        “ལོ་བརྒྱའི་དམིགས་ཚད་གཉིས”ནི་རྒྱལ་ཁ་གསར་པ་ལེན་པའི་ལམ་ཚད་རྡོ་རིང་གཉིས་ཡིན།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ལོ་བརྒྱའི་འབད་འཐབ་དམིགས་ཚད་གཉིས་བཏོན་ཡོད་པའི་ནང་གི་གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་དང་གཅིག་ཤོས་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བརྒྱ་འཁོར་སྐབས་འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན།ལོ་བརྒྱའི་འབད་འཐབ་དམིགས་ཚད་དེ་གཉིས་ཐོག་མར་ཏང་གི་ཚོགས་ཆེན་བཅོ་ལྔ་པའི་སྙན་སྒྲོན་ནང་བཏོན་ཡོད།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ལོ་བརྒྱའི་དམིགས་ཚད་དེ་གཉིས་སླར་ཡང་བསྐྱར་བཤད་བྱེད་དགོས་དོན་ནི་ད་ལྟའི་དུས་སུ་ང་ཚོ་ཉེ་རབས་ཚུན་གྱི་ཀྲུང་གོའི་ལོ་རྒྱུས་ཐོག་གི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དམིགས་ཚད་དང་ཉེ་ཤོས་ཀྱི་གལ་ཆེའི་དུས་སུ་གནས་ཡོད་པས་ང་ཚོས་སྤོབས་པ་ལྷག་པར་བྱེད་ལ་ཏང་དང་མི་དམངས་ཀྱིས་གཏན་འཁེལ་བྱས་པའི་ཕུགས་འདུན་དད་སེམས་ལྷག་པར་བརྟན་དུ་གཏོང་བ་དང་ཏང་གི་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྷག་པར་གསལ་ཤེས་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱ་རྒྱུ་དེ་ཡིན།དེ་ཡང་ལོ་བརྒྱའི་དམིགས་ཚད་དེ་གཉིས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ལམ་ཚད་རྡོ་རིང་གཉིས་ལ་འགྱུར་ངེས་རེད་ཅེས་བརྗོད་ཆོག
        སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་ཆབ་སྲིད་སྒྲིག་གཞི་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད་པ་དེ་ནི་རང་རྒྱལ་མི་དམངས་ཀྱི་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་།དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དངོས་ཡོད་གནད་དོན་ཐད་རྒྱ་ཁྱབ་ངང་གྲོས་མོལ་གྱིས་ཀུན་གྱི་གཏམ་གླེང་ཡོངས་ཁྱབ་ངང་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ་དང་།ཐུན་མོང་གི་ངོས་འཛིན་མཐོར་གཏོང་དང་མཉམ་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད།ཀྲུང་གོའི་ཁྱད་ཆོས་ཀྱི་འདེམས་བསྐོའི་དམངས་གཙོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དང་ཟུང་འབྲེལ་བྱས་པ་དེ་ནི་དམངས་གཙོའི་ལམ་ལུགས་འཐུས་ཚང་དང་དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་།སྤྱི་ཚོཌ་རིང་ལུཌ་ཀྱི་དམངས་གཙོ་རྒྱ་ཆེར་གཏོང་བ།སྤྱི་ཚོཌ་རིང་ལུཌ་ཀྱི་ཆབ་སྲིད་ཤེས་དཔལ་འཕེལ་རྒྱས་བཅས་བཏང་ནས་ཆེས་རྒྱ་ཁྱབ་ཀྱི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་བར་ཡང་དག་པའི་ཁ་ཕྱོཌ་གཏན་འཁེལ་བྱ་རྒྱུར་ཕན་པ་ཡོད།
        ཡིག་འབྲུ་24ཡིས་བང་རིམ་གསུམ་གྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྙིང་བསྡུས་བྱས་ཡོད།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཡིག་འབྲུ་24སྤྱད་དེ་རྒྱལ་ཡོངས་ཀྱི་ཕྱོགས་ཁག་ལ་ཁྱབ་པའི་བསམ་འཆར་དང་ད་ལྟའི་དུས་མཚམས་ཀྱི་རྒྱལ་ཡོངས་མི་དམངས་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་མངོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མངོན་པའི་རྒྱས་བཤད་བྱས་ཡོད།རྒྱས་བཤད་དེ་ནི་རྒྱལ་ཁབ་དང་།སྤྱི་ཚོགས།མི་སྒེར་བཅས་བང་རིམ་གསུམ་གྱི་ཐོག་ནས་མངོན་པར་བྱས་ཡོད།
        རྒྱལ་ཁབ་ཀྱི་བང་རིམ་ཐོག་ནས་བརྗོད་ན་འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན་བཅས་ཡིན་པ་དང་།སྤྱི་ཚོགས་ཀྱི་བང་རིམ་ཐོག་ནས་བརྗོད་ན་རང་དབང་དང་།འདྲ་མཉམ།གཞུང་དྲང་།ཁྲིམས་སྐྱོང་བཅས་ཡིན་པ།སྤྱི་དམངས་ཀྱི་བང་རིམ་ཐོག་ནས་བརྗོད་ན་རྒྱལ་གཅེས་དང་།ལས་བཀུར།ཡིད་རྟོན།མཛའ་གྲོགས་འཆམ་མཐུན་བཅས་ཡིན།བློ་མཐུན་མའོ་ཙེ་ཏུང་གིས་རྒྱལ་ཁབ་དང་།མཉམ་སྡེབ།མི་སྒེར་བཅས་གསུམ་གྱི་ཁེ་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཞེས་ནན་བཤད་ཡང་ཡང་གནང་ཡོད།བང་རིམ་གསུམ་པོ་དེའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་རྒྱས་བཤད་དེ་ཐོག་ནས་དེ་དང་གཅིག་མཚུངས་ཀྱི་བསམ་པའི་འཁྱེར་སོ་མངོན་ཡོད།རྨང་གཞི་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་བསྲིང་ཧུར་ཐག་བྱ་རྒྱུར་ཕན་པ་ཡོད།
        “རྣམ་པ་གསུམ”ནི་སྲིད་འཛིན་ཏང་རང་ངོས་འཛུགས་སྐྱོང་ཆོས་ཉིད་དེ་བས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་པ་ཞིག་ཡིན།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་སློབ་སྦྱོང་རྣམ་པ་དང་།ཞབས་ཞུའི་རྣམ་པ།གསར་གཏོད་རྣམ་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྱོང་བྱེད་དགོས་ཞེས་བཏོན་ཡོད།“རྣམ་པ་གསུམ”གྱི་དམིགས་ཚད་དེ་ཐོག་ནས་ང་ཚོས་སྲིད་འཛིན་ཏང་འཛུགས་སྐྱོང་གི་ཆོས་ཉིད་ཁོང་དུ་ཆུད་རྒྱུ་དེ་དེ་བས་རང་རྟོགས་དང་།དེ་བས་ཕྱོགས་ཡོངས།དེ་བས་གཏིང་ཟབ་བཅས་བྱུང་བ་མངོན་གྱི་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་མི་དམངས་ཞེས་པ་དེ་ནི་འགག་རྩའི་ཐ་སྙད་ཅིག་ཡིན་ལ་ཞབས་ཞུ་ཞེས་པ་དེའང་འགག་རྩའི་ཐ་སྙད་ཅིག་ཡིན།མི་དམངས་ཀྱི་གཙོ་གནད་གནས་བབ་མཐའ་འཁྱོངས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་ཁེ་དབང་འགན་ལེན་དང་།མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་རྒྱུ་སྔར་བས་འགན་ལེན་བྱེད་དགོས་ཞེས་པ་དེ་སྙན་སྒྲོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་ལ་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་པ་དེ་ཡང་སྙན་སྒྲོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད།སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་།ཆབ་སྲིད།རིག་གནས།སྤྱི་ཚོགས།སྣོད་བཅུད་འཛུགས་སྐྱོང་བཅས་ཀྱི་རྒྱས་བཤད་དང་བཀོད་སྒྲིག་ཁག་གཅིག་གི་ནང་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་།ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།ཕྱོགས་ཁག་གི་མི་ཚོགས་ལ་ཞབས་འདེགས་ཞུ་བའི་ཞབས་ཞུའི་ནུས་པ་དང་ཞབས་ཞུའི་ཕན་ནུས་མངོན་ཡོད།དེ་དང་ཆབས་ཅིག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་གཞི་རིམ་གྱི“ཞབས་ཞུའི་རྣམ་པའི”ཏང་རྩ་འཛུགས་འཛུཌ་སྐྱོང་ཐད་ལའང་སྤྱི་ཡོངས་ཀྱི་བཀོད་སྒྲིག་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།མང་ཚོཌ་ལ་ཞབས་འདེཌ་ཞུ་བ།མི་སེམས་གཅིག་ཏུ་སྒྲིལ་བ།ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུཌ་ཀྱི་ནུས་པ་འདོན་སྤེལ་གང་ལེཌ་ཀྱིས་སྲིད་འཛིན་ཏང་གི་གཞི་རིམ་རྩ་འཛུཌ་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད།